rKTs


H55

(e-text produced by ACIP)




322a
།རྒྱ་གར་སྐད་དུ། ཨཱརྱ་པྲ་བྷ་ས་མནྟ་མུཀྟོ་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་འོད་ཟེར་ཀུན་ཏུ་བསྐྱེ་བ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་རང་དབང་ཆེན་པོ་ཐོབ་པ་ལྔ་བརྒྱ་དང ། གཞན་ཡང་ཚེ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་ཁྲག་ཁྲིག་ཕྲག་བརྒྱད་ཅུ་དང ། གཞན་ཡང་བྱང་